མི་ཉག་མགར་ཐར་དགོན་ནི་སི་ཁྲོན་ཞིང་ཆེན་རྟའུ་རྫོང་གི་ཞི་བདེ་གྲོང་ཚོའི་ས་ཁོངས་སུ་རྒྱལ་ལམ་༣༥༠ལམ་རྒྱུད་གྱི་འགྲམ་དུ་གནས་པ་དང་། རྒྱ་མཚོ་ངོས་ལས་སྨི༣༦༠༠ཙམ་ཡོད།དཔལ་སྨད་ཀྲན་དང་ལེ་བར་༡༠ལྷག་གི་ལམ་ཐག་ཡོད་པ་དང་།དར་མདོའི་གནམ་གྲུ་ཐང་དང་ལེ་བར་༨༠ཙམ་གྱི་ལམ་ཐག་ཡོད། རྟའུ་རྫོང་དང་ལེ་བར༨༨ཙམ་གྱི་བར་ཐག་ཡོད། རོང་བྲག་རྫོང་དང་ལེ་བར༨༥ཙམ་གྱི་ལམ་ཐག་ཡོད། ཡུལ་ལྗོངས་ལ་གཙོ་བོ་མགར་ཐར་དགོན་དང་། མགར་ཐར་གནའ་མཁར། རྒྱལ་བ་གཟིམ་ཆུང་།  ཆགས་ནང་སོགས་ལྟེ་བའི་ཡུལ་ལྗོངས་གཙོ་བོས་གྲུབ་པ་དང་།  ལོ་རྒྱུས་ཀྱི་རིག་གནས་དང་ལྡན་པས་མཐོ་སྒང་གི་གདོད་མའི་མཛེས་ལྗོངས་ཞེས་པའི་མཚན་སྙན་ཐོབ།
   མགར་ཐར་དགོན་ནི་ཆིང་སྲིད་གཞུང་གིས་འགྲོ་གྲོན་མཛད་ནབཞེངས་པ་དང་ཉམས་གསོ།  མཆོད་འབུལ་བཅས་བྱེད་པའི་དགེ་ལུགས་པའི་དགོན་སྡེ་གཅིག་པུ་དེ་ཡིན་ཞིང་། ཆིང་རྒྱལ་རབས་ཀྱི་གོང་མ་ཡོང་ཀྲན་གྱི་སྲིད་ལོ་བདུན་པ་སྤྱི་ལོ་༡༧༢༦ལོར་སྐྲུན་ཞིང་། དེའི་སྐབས་སུ་སོག་སེ་ཆེན་རྒྱལ་པོས་བོད་ལ་དཔུང་འཇུག་བྱེད་པ་དང་།   བོད་ཁུལ་དུ་ཟིང་འཁྲུག་ཤིན་ཏུ་ཆེན་པོ་བྱུང་། རྒྱལ་བ་སྐུ་ཕྲེང་བདུན་པའི་བདེ་འཇགས་ལ་དམིགས་ཞིང་བོད་ལྗོངས་ཀྱི་སྐུ་དྲག་རྣམ་དང་རྒྱ་ནག་གི་བར་ལ་འབྲེལ་བ་ཇེ་བཟང་དུ་བཏང་བའི་ཆེད་དུ་ཆིང་སྲིད་གཞུང་གིས་འགྲོ་གྲོན་དངུལ་གཏོང་ནས་རྒྱལ་པའི་དགོན་པའི་ཁྱད་ཆོས་ལྡན་ཞིང་རྒྱ་བོད་ཁྱད་ཆོས་ཟུང་ལྡན་གྱི་གཟིམ་ཆུང་འདི་བཏབ་པ་རེད། དེ་མ་ཚད་པར་འབྲུག་དགུ་དང་སེང་གེ་དགུ་ཞེས་པའི་གུས་མཚན་ཐུབ་སོང་བ་རེད། རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་འདི་ནས་ལོ་བདུན་ཙམ་ཞུགས་པ་དང་རྗེས་སུ་རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ཡང་མགར་ཐར་ཉེ་འགྲམ་གྱི་མ་མཆོད་གྲོང་སྡེ་རུ་སྐུ་འཁྲུངས་པ་དང་།  དེའི་ཕྱིར་སྐྱེ་མཆོག་དམ་པ་གང་མང་ཞིག་ཕེབས་པ་དང་འཁྲུངས་བའི་གནས་མཆོག་ཡིན་པས། བོད་ཁམས་སུ་སྙན་གྲགས་ཁྱབ་ཀྱང་པད་མའི་གདན་ས་ཞེས་གྲགས་སོ།། རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ནི།   རབ་བྱུང་བཅུ་བཞི་པའི་ས་ཁྱི་ལོ་སྟེ༡༨༣༨ལོའི་བོད་ཟླ་དགུ་པའི་ཚེསགཅིག་ཉིན་མགར་ཐར་མན་ཆོད་གྲོང་སུ་སྐུ་བལྟམས། སྐུ་བལྟམས་སའི་གནས་མཆོག་ལ་ཡུལ་མི་ཚོས༼རྒྱལ་བ་གཟིམ་ཆུང༽ཞེས་མིང་བཏགས།   ༼རྒྱལ་བ་གཟིམ་ཆུང༽ཞེས་པ་ནི་ཏཱ་ལའི་བླ་མའི་ཕོ་བྲང་ཆུང་ཆུང་ཞེས་པའི་དོན་ཏེ།   རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་རྗེས་དྲན་བྱས་པའི་ཆེད་དུ་བཏབ་པ་ཡིན།   དགོང་ལོ་བཅོ་བརྒྱད་སོན་དུས་སྐུ་མྱ་ངན་ལས་འདས་ཤིང་།   རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལས་འདས་པའི་དགོང་གྲངས་ཆུང་ཤོས་ཀྱི་ཡ་གྱལ་གཅིག་ཡིན།གཟིམ་ཆུང་དུ་མཆོད་འབུལ་བྱས་པའི་མ་ཎི་རང་བྱུང་ནི་རང་བྱུང་ལས་ཐོན་པ་དང་།  སྟེང་ན་ཡིག་འབྲུ་གསལ་ཞིང་།  དངོས་གཟུགས་དོད་པ། བཤད་སྲོལ་ལྟར་ན་འདི་ནི་རྒྱལ་བ་གཟིམ་ཆུང་བསྐྱར་བཞེངས་བྱེད་སྐབས་གནའ་ཤུལ་ལས་ཐོན་ཞེ་བཤད། མ་ཎི་འདིའི་གྲུབ་ཚུལ་ནི་སུ་ཀྱང་དཔོག་དཀའ་བ་ཞིག་རེད། མགར་ཐར་གནའ་མཁར། མགར་ཐར་གནའ་མཁར་ནི་རང་རྒྱལ་གྱི་ནུབ་ལྷོ་ས་ཁུལ་ཆེས་སྙན་གྲགས་ལྡན་པའི་ཇ་བདའི་གནའ་ལམ་གྱི་ས་ཚུགས་གཙོ་བོ་ཞིག་ཡིན། ཆབ་སྲིད་དང་། དམག་དོན། ལོ་རྒྱུས་སོགས་ཀྱི་གོ་གནས་འབུར་དུ་ཐོན་པ་ཡོད།  སོག་སེ་ཆེན་རྒྱལ་པོས་བོད་ལ་དཔུང་འཇུག་བྱེད་པའི་སྐབས་སུ་ཆིང་སྲིད་ནས་བློན་ཆེན་མཉན་ཀེན་ཡོ་ཞེས་པ་མངགས་ནས་གནའ་མཁར་སྲ་བརྟན་དུ་བྱས་ཤིང་ལོ་གསུམ་གི་རུང་བཅའ་སྡོད་བྱས་ནས་མི་རིགས་མཐུན་སྒྲིལ་ཇེ་ཟབ་དང་།  རྒྱ་བོད་རིག་གནས་འབྲེལ་ཆགས་པ་བྱས།
   ཆིང་རྒྱལ་རབས་ཀྱི་མགོ་མ་ནས་བཟུང་ཆགས་ནང་སྲང་ལམ་ནི་ཧྲན་ཤིས་ཕྱོགས་ནས་ཡོང་བའི་ཚོང་པ་རྣམས་མགར་ཐར་དུ་འདུས་སའི་ཡུལ་གནས་ཡིན་ལ། ཁོ་ཚོས་གཙོ་བོ་ཇ་དང་རྟ། ཚྭ་སོགས་ཉིན་རྒྱུན་གྱི་མཁོ་སྤྱོད་ཅ་ལག་སྐྱེལ་འདྲེན་དང་ཉོ་ཚོང་བྱས་ས་ཡིན།      འདིར་འཚོ་བའི་ཚོང་བ་རྣམས་ཡུལ་འདིའི་ཡུལ་སྲོལ་གོམས་གཤིས་ལ་གོམས་ཤིང་རྒྱའི་གོམས་གཤིས་ཀྱང་མ་དོར་བར་ཅུང་སོར་བཞག་བྱས། དེའི་སྐབས་སུ་སྲང་ལམ་གྱི་འཛུགས་སྐྲུན་གྲུབ་ཆ་ལ་ཡང་རྒྱའི་ལུགས་ཀྱི་ཆ་ཤས་གང་མང་འདུས་ཤིང་ལོ་གསར་དང་ཟླ་སྟོན་གྱི་དུས་སུ་གྲུ་སྒྲོན་དང་ཤིང་རྐང་།  སྟར་ཀ་གཏོར་བ་སོགས་རྒྱའི་ལུགས་གྱི་བྱ་འགུལ་གང་མང་སྤེལ་བཞིན་ཡོད་པ་རེད། དེའི་ཕྱིར་ཆགས་ནང་སྲང་ལམ་ཞེ་མིང་ཐོགས་པ་རེད།
ཡུལ་ལྗོངས་ ངོ་སྤྲོད་ ཀྱི་

འདི་ནི་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་ཞལ་བཀོད་ལྟར་བོད་གཞུང་དང་ཆིང་སྲ

འདི་ནི་1733ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཆོག་ལ་ཆེད་བཞུགས་ཕོ་བྲང་ད

འདུ་ཁང་འདི་ནི་མཚན་ཉིད་ཀྱི་གཞུང་ལ་ཐོས་བསམ་སློབ་གཉེར་མཛད་མཁན་རྣམས་ཀ

སྒྲོལ་མ་ལྷ་ཁང་ནི་མགར་ཐར་དགོན་པའི་མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི

དེ་བས་མང་བ། >>

CopyRight © mygdhyslyjq.com All Rights Reserved. Design by Riesun.com

ཁ་པར།
0836-7123149